• vtem news box

ཐོག་མའི་ཤེས་ཡོན་དང་ཀློག་རྩལ། (ཧིནྡཱིའི་མ་དཔེ་ལྟར།)

reading-in-the-primary-school-curriculum-coverརྒྱ་གར་ལ་ད་དུང་ཡིག་རྨོངས་ཀྱི་གྲངས་འབོར་ག་ཚོད་ཡོད་པ་དང་། སྟོང་ལོ་གསར་པ་འགོ་བཙུགས་པ་ནས་བཟུང་འཛམ་གླིང་གི་ཡིག་རྨོངས་ཀྱི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ནས་རྒྱ་གར་ནས་ག་ཚོད་ཟིན་གྱི་ཡོད་དམ། དྲི་བ་ཁྱད་མཚར་པོ་འདི་དག་གི་ལན་ཕལ་ཆེ་བ་ནི། ཚོགས་འདུའི་སྐབས་ཀྱི་གཏམ་བཤད་ནང་དུ་གྲངས་ཐོ་སྤྲད་པ་རྣམས་གཙོ་བོ་ཆགས་ཡོད། གསལ་པོ་བཤད་ན། ང་ཚོས་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའི་(mass literacy)ཆེད་དུ་བརྩམས་པའི་ལས་དོན་དེ་ཉིད་ཡིད་ཕམ་དགོས་པའི་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་སེམས་ཁུར་བྱེད་ས་གཙོ་བོ་ཞིག་ཆགས་ཡོད། ཤེས་ཡོན་སྲིད་བྱུས་དེ་ཉིད་རྒྱ་སྐྱེད་བཏང་བས་ཡིག་རྨོངས་སེལ་བའི་ཐད་ལ་དམིགས་བསལ་ཤུགས་རྐྱེན་གང་ཡང་ཐེབས་མེད།

རྒྱས་པར་གཟིགས...

སློབ་གྲྭ་རུ་བྲིས་ཀློག་ཡར་རྒྱས་གཏོང་ཚུལ།


acquiring-literacy-in-schools-coverརྒྱ་གར་ཁྱོན་ཡོངས་ཀྱི་བྲིས་ཀློག་གི་ཚད་གཞི་གོང་འཕེལ་གཏོང་རྒྱུ་ནི་རྒྱ་གར་རང་བཙན་མ་ཐོབ་གོང་ནས་རེ་སྨོན་བྱ་སའི་དམིགས་འབེན་གཅིག་ཡིན། དེ་ལྟར་ནའང་དམིགས་འབེན་དང་དོན་དངོས་གཉིས་ལ་དབར་ཐག་ཆེན་པོ་ཤོར་ཡོད། བྲིས་ཀློག་གོང་འཕེལ་ཕྱིན་པའི་བརྒྱ་ཆའི་གྲངས་ཚད་འཕར་ཡོད་ནའང་། སྤྱི་ཚོགས་ནང་ཡིག་རྨོངས་སེལ་བའི་མང་ཚོགས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་མེད་པ་མ་ཟད། ད་དུང་ཡིག་རྨོངས་བའི་གྲངས་འབོར་ མང་ནས་མང་དུ་འཕར་བཞིན་ཡོད། བྲིས་ཀློག་ཤེས་མཁན་དུ་བགྲང་བའི་མི་མང་ཆེ་བར་རང་ཉིད་ཀྱིས་གང་ཞིག་བཀླགས་པ་དེའི་གོ་དོན་རྟོགས་པའི་ནུས་པ་མེད། གནས་སྟངས་འདིར་ཞིབ་འཇུག་བྱེད་སྐབས་དུས་རྒྱུན་ཁྱིམ་ཚང་གི་རྒྱུ་རྐྱེན་གཞི་རྩར་བཟུང་སྟེ་གནད་དོན་གསལ་འདོན་བྱེད་ཀྱི་ཡོད།

Read more...

གོ་དོན་ངོས་འཛིན།

READING FOR MEANING 2-1-coverམ་མཐར་ཡང་ཀློག་པ་པོ་དང་འབྲེལ་བའི་ཚིག་དེ་ཀློག་པ་པོ་རང་ཉིད་ལ་རྒྱུས་མངའ་ཡོད་པ་ཞིག་ཡིན་ཚེ། ཚིག་ངོས་འཛིན་པར་ངེས་པར་དུ་ཐོག་མར་ཡི་གེ་ངོས་འཛིན་དགོས་དོན་མེད། དེ་ནི་མིག་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བའི་མིང་ཚིག་དང་མི་འདྲ། ཐད་ཀར་ཚིག་ངོས་འཛིན་མི་ཐུབ་པའི་གནས་སྐབས་སུ། ད་གཟོད་ཐོག་མར་ཡི་གེ་ངོས་འཛིན་བྱ་དགོས་ཀྱི་ཡོད་ལ། དེ་བཞིན་དེ་ནི་ཚིག་དེ་དང་འབྲེལ་བའི་གནས་ཚུལ་དང་། ཀློག་པ་པོ་རང་ཉིད་ཀྱིས་ཤེས་པའི་གནས་ཚུལ་གཞན་དག་བཅས་ལའང་གང་འཚམ་ལྟོས་པ་ཞིག་ཡིན། གདམ་ཀ་དག་སྙིང་བསྡུས་ཀྱིས་དཔེ་རིས་དང་པོའི་(ཨིན་ཡིག་གི་མ་རྩོམ་ནང་གོ་འདི་སྟོན་པའི་དཔེ་རིས་ཐུང་ངུ་ཞིག་ཡོད།) ནང་འཁོད་ཡོད།
བདག་གིས་ཚན་པ་འདིའི་ནང་དུ་རྒྱུད་ལ་གོ་རྟོགས་སྐྱེ་པར་ཐོག་མར་ངེས་པར་དུ་ཚིག་ངོས་འཛིན་མི་དགོས་ཚུལ་གསལ་འདོན་བྱ་འདོད་བྱུང་། གོ་རྟོགས་ནི་ཚན་པ་འདིའི་ནང་དུ་གོ་དོན་ངོས་འཛིན་ལ་གོ་ཡི་ཡོད།

Read more...

སྒྲུང་ཤོད་དགོས་པའི་གལ་གནད།

reason-for-story-coverདམའ་རིམ་འཛིན་གྲྭ་དང་པོ་གཉིས་ཀྱི་ཆེད་དུ་སྒྲུང་ཤོད་རྒྱུའི་ཟུར་བཅད་ཚོགས་ཐེངས་མེད་པ་ནི་ཧ་ཅང་འགྱོད་པ་སྐྱེ་དགོས་པའི་གནས་ཤིག་ཡིན། གལ་ཏེ་འདི་ལྟ་བུའི་བཀོད་སྒྲིག་ཡོད་ན་བྱིས་པ་རྣམས་སློབ་གྲྭར་གནས་མི་ཐུབ་པའི་དཀའ་ངལ་གང་ཙམ་ཞིག་སེལ་ཐུབ་ངེས་ཡིན། མི་མང་པོས་ངའི་དཀའ་ངལ་འདི་གལ་གནད་ཆེ་བའི་རང་བཞིན་ལ་སྣང་ཆུང་བྱེད་ཀྱི་འདུག་ཟེར་སྲིད། བསམ་ཚུལ་འདི་ཐོས་པའི་དཔོན་རིགས་ཆེ་ཁག་མང་པོ་ཞིག་གིས་མཐོང་ཆུང་གི་བསམ་པའི་གད་མོ་ཤོར་སྲིད། སྒྲུང་ཤོད་པ་དེས་བྱིས་པ་ཚོར་རྫུ་འཕྲུལ་ལྟ་བུའི་ནུས་པ་ཡོད་པའི་བསམ་ཚུལ་དེ་དུས་སྐབས་ཤིག་ལ་དཔོན་རིགས་དེ་ཚོའི་བསམ་བློའི་ནང་ངེས་པར་ཡོད་ཀྱང་། ཁོང་ཚོའི་རྒྱ་ཆེའི་ཉམས་མྱོང་དང་འཛིན་སྐྱོང་གི་ཡོན་ཏན་གྱི་བསམ་ཚུལ་དེ་ཁོང་ཚོའི་བསམ་བློའི་ནང་ནས་ངེས་པར་དུ་ཕྱིར་བཏོན་ཟིན་པ་ཡིན་ངེས

རྒྱས་པར་གཟིགས...

དཔེ་དེབ་ཀློག་རྒྱུའི་གོམས་གཤིས།

habit-of-reading-books-coverསློབ་གྲྭ་ཚང་མའི་ནང་དཔེ་མཛོད་ཁང་རེ་ཡོད་ཚེ་མཐུན་རྐྱེན་བཟང་པོ་ཞིག་ཏུ་བརྩི་འོས། འོན་ཀྱང་སློབ་གྲྭའི་ནང་དཔེ་མཛོད་ཁང་ཡོད་པ་བཞིན་སློབ་ཕྲུག་ཚང་མས་དེབ་གང་མང་ཀློག་གི་ཡོད་པའི་ཁྱབ་པ་མེད། དཔེ་མཛོད་ཁང་ནི་དཔལ་འབྱོར་དང་འབྲེལ་བའི་གནས་སྟངས་ཤིག་དང༌། སློབ་ཕྲུག་ཚོར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་རྒྱུ་ནི་ཤེས་ཡོན་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྟོབས་ཆེན་རྒྱལ་ཁབ་ཁག་གི་ནང་སྤྱི་པའི་དཔེ་མཛོད་ཁང་དང༌། སློབ་གྲྭའི་དཔེ་མཛོད་ཁང་བཅས་མི་ཉུང་བ་ཞིག་ཡོད། འོན་ཀྱང་དེ་དག་བེད་སྤྱོད་ཡང་དག་པ་ཞིག་ཡོང་ཐུབ་ཀྱི་མེད། སློབ་ཕྲུག་གང་ཞིག་ལ་ཐོག་མ་ཉིད་ནས་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་ཡོད་པ་དེ་ཡང་ཕ་མ་ལས་བྱེད་ཡིན་པའི་ཁྱིམ་ཚང་གི་ཁོར་ཡུག་ལ་རག་ལུས་ཀྱི་ཡོད། ཕ་མ་ཚོས་ཕྲུ་གུར་རྩོམ་རིག་གི་དཔེ་དེབ་ལ་སོགས་པའི་མཐུན་རྐྱེན་སྦྱོར་རྒྱུ་གལ་ཆེ་བརྩི་ཡི་ཡོད།

རྒྱས་པར་གཟིགས...