• vtem news box

སློབ་ཁྲིད་གྲ་སྒྲིག་བྱེད་ཚུལ་གྱི་ཉམས་མྱོང་ཐོར་བཏུས།

teaching-preparation-coverསློབ་ཁྲིད་གྲ་སྒྲིག་བྱེད་པ་འདི་ནི་སློབ་ཁྲིད་བྱ་བའི་ཁྱབ་ཁོངས་ནང་མེད་དུ་མི་རུང་བའི་མ་ལག་ཅིག་ཡིན། དེ་བས་དགེ་རྒན་གསར་རྙིང་གང་ཡིན་ཡང་ཚང་མས་སློབ་ཁྲིད་ཀྱི་གནད་ཆེ་སར་བཟུང་ནས་ ལེགས་སྒྲུབ་བྱེད་དགོས། ད་ལམ་བདག་གིས་མི་རིགས་སློབ་གསོའི་བྱ་བ་འདི་ཉིད་མི་ཉམས་གོང་དུ་འཕེལ་བའི་སླད་དང་སློབ་ཁྲིད་རྒྱུ་སྤུས་སྔར་ལས་མཐོར་འདེགས་གཏོང་བའི་ཆེད། སློབ་ཁྲིད་གྲ་སྒྲིག་བྱེད་ཚུལ་གྱི་ཉམས་མྱོང་ཐོར་བུ་ཞིག་ཟུར་ལྟའི་རྒྱུ་ཆ་དང་གཞན་ལེགས་ཆ།

རྒྱས་པར་གཟིགས...

ཕྱི་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།

foreign-school-study-coverལྗར་པན།
ལྗར་པན་དུ་སློབ་ཆུང་སློབ་མ་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས ༨ དང་སྐར་མ ༣༠ ཡས་མས་སུ་སློབ་གྲྭར་ཐོན་དགོས་པ་དང་། ཉིན་རེར་སློབ་ཐུན་དྲུག་ཙམ་ལས་བཀོད་སྒྲིག་བྱས་མེད་པ་རེད། ཕྱི་དྲོའི་དུས་ཚོད ༣ དང་སྐར་མ ༤༥ ཡས་མས་སུ་སློབ་གྲྭ་གྲོལ་བ་ཡིན།ཨུ་རུ་སུ།
ཨུ་རུ་སུའི་སློབ་མ་ཆུང་བ་རྣམས་སྔ་དྲོའི་དུས་ཚོད ༨ དང་སྐར་མ ༣༠ སྟེང་སློབ་ཁྲིད་བྱེད་པ་དང་། ཕྱི་དྲོའི་དུས་ཚོད ༢ སྟེང་སློབ་གྲྭ་གྲོལ་ཏེ་ཕྱིར་རང་ཁྱིམ་དུ་ལོག་པ་རེད། ཁོ་ཚོར་བསླབས་ཕྱིའི་ལས་བྱ་ཤིན་ཏུ་ཉུང་བས། དུས་ཚོད་མང་ཆེ་བར་ཕྱི་རོལ་དུ་རྩེད་མོ་རྩེ་བ་ཡིན། ལོ་རིམ་དང་པོའི་སློབ་མ་གསར་བར་ཉིན་རེར་སློབ་ཐུན་བཞི་ལས་མེད་པས། ཁོ་ཚོར་མཚོན་ན་སློབ་གྲྭར་འགྲིམ་རྒྱུ་ནི་སྐྱིད་སྣང་ཞིག་ཏུ་བསམ་ཡོད།

རྒྱས་པར་གཟིགས...

སློབ་ཆུང་སྐད་ཡིག་གི་སློབ་ཁྲིད་འཆར་ཟིན་འགོད་ཐབས་གཙོ་བོ་འགའ་གླེང་བ།

Tibetan-Articles-14-Oct-2014-coverངོ་སྤྲོད།
སློབ་གྲྭ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་གནས་གཞི་གཙོ་བོ་ཞིག་དང་། སློབ་ཁྲིད་ནི་ཚད་ལྡན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བྱ་ཐབས་གཙོ་བོ་ཡིན་ཞིང་། བྱ་བ་དེ་ལ་དངོས་སུ་ཞུགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བྱ་ཐབས་གཙོ་བོ་ཡིན་ཞིང་། བྱ་བ་དེ་ལ་དངོས་སུ་ཞུགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐུབ་དང་མི་ཐུབ་ནི་གཙོ་བོ་སློབ་གསོའི་བྱ་བར་གཞོལ་མཁན་བཤེས་གཉེན་ལ་རག་ལས་ཡོད་།

Read more...

༢༠༠༥ ལོའི་རྒྱལ་ཡོངས་བསླབ་གཞི་རྩ་འཛིན་གྱི་སྒྲོམ་གཞི།


National-Curriculum-Framework-2005-Tibetan-Coverངོ་སྤྲོད།
རྒྱ་གར་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང། རིག་གནས་ཕུན་སུམ་ཚོགས་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཡིན། ཕྱི་ལོ་༡༩༨༦ ལོར་གྲོས་ཚོགས་ནས་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ལ་ངོས་བཞེས་གནང་བ་ནས་བཟུང། རྒྱལ་ཡོངས་ཤེས་ཡོན་ལམ་སྲོལ་གཞིར་བཞག་པའི་བསླབ་གཞིའི་རྩ་འཛིན་ཐོག་བསྐྱར་ཞིབ་བྱ་རྒྱུའི་ཐད་ཤུགས་སྣོན་རིམ་པར་བརྒྱབས་ཡོད། རྒྱ་གར་རང་བཙན་ཐོབ་པ་ནས་བཟུང་ད་བར་གྱི་ཤེས་ཡོན་གྱི་གྲུབ་འབྲས་ལ་ཕྱིར་མིག་ཅིག་བལྟས་ཚེ། ང་ཚོར་གྲུབ་འབྲས་གང་འཚམས་སོན་ཡོད། ད་ལྟའི་ཆར་རྒྱལ་ཡོངས་སུ་དགེ་རྒན་འབུམ་༥༥ དང་སློབ་གྲྭ་འབུམ་༡༠ ལྷག་ཙམ་ཡོད་ཅིང། དེ་དག་ནང་སློབ་ཕྲུག་འབུམ་༢༠༢༥ ལྷག་གིས་སློབ་གཉེར་བྱེད་ཀྱི་ཡོད།

Read more...

དཔེ་ཀློག་ཅེས་པའི་དོན་གང་ཡིན་ནམ།

what-is-reading-coverབཅུ་ཕྲག་སྔོན་མའི་ནང་ལ་དཔེ་ཀློག་བརྒྱུད་རིམ་གྱི་གོ་རྟོགས་ཐད་ལ་དངོས་ཡོད་ཀྱི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཅིང་། དཔེ་ཀློག་མཁས་དབང་ཕལ་ཆེ་བས་ད་ཆ་དཔེ་ཀློག་གི་རང་བཞིན་ཐོག་ལ་མོས་མཐུན་བྱེད་ཀྱི་ཡོད་དེ། དཔེ་ཀློག་ནི། ཡིག་ཐོག་ཏུ་གསལ་བའི་ཡིག་གཞིའི་ཁྲོད་ནས་གོ་དོན་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ཞིག་དང་། དེ་ནི་ནང་ཁུལ་འབྲེལ་བ་ཡོད་པའི་གནས་ཚུལ་གྱི་འབྱུང་ཁུངས་དབར་ལ་འབྲེལ་བ་བཟོ་དགོས་པའི་མགོ་རྙོག་ཅན་གྱི་སྒྱུ་རྩལ་ཞིག་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད།

Read more...