• vtem news box

གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན།

གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན།

༄༅། །ཕྱི་ལོ་༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་ཤག་གིས་ཕུལ་བའི་བཙན་བྱོལ་བོད་ མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཐོག་བགྲོ་གླེང་ལྷུག་པོ་དང་སྦྲགས་ སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ནས་བཟུང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གསུམ་པ་དོན་ཚན་༡༧ པར། “དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་ དག་ཅིག་བཟོ་རྒྱུ་”ཞེས་གསལ་བའི་ཤེས་ཡོན་སྲིད་བྱུས་དེ་དངོས་སུ་དབུ་བརྙེས་ ཤིང༌། སྲིད་བྱུས་ནང་གསལ་ཆ་རྐྱེན་དང་དགོས་མཁོ་བསྒྲུབ་སླད་བོད་གཞུང་ཤེས་རིག་ལས་ ཁུངས་ཀྱིས་འདས་པའི་ལོ་ངོ་དྲུག་རིང༌། སྲིད་བྱུས་དགོངས་དོན་ཆ་ཚང་ལག་བསྟར་དང་ཉམས་གསོག་སླད་དཔེ་སྟོན་སློབ་གྲྭ་གསར་ འཛུགས་དགོས་པ་བཞིན། ཕྱི་ལོ་༢༠༠༥ ཟླ་༡༠ ཚེས་༡༠ ཉིན་བཞུགས་སྒར་དྷ་སར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གསར་འཛུགས་དང༌། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་རིགས་དགེ་ལས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ ཀྱི་དགོངས་དོན་སྐོར་གྱི་ཟབ་སྦྱོང༌།

༡)  ལེའུ་དང་པོ། གཞི་རིམ་བར་མའི་བསླབ་གཞིའི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན།
༢)  ལེའུ་གཉིས་པ། མི་ཚེ་དོན་ལྡན་དུ་བྱེད་པའི་སློབ་སྦྱོང་གི་ཉམས་ལེན།
༣)  ལེའུ་གསུམ་པ། གཞི་རིམ་བར་མའི་བསླབ་གཞི་དང༌། དགེ་རྒན་གྱི་གནས་ཚད་སྐོར།
༤)  ལེའུ་བཞི་པ། ཤེས་ཡོན་འཕེལ་རྒྱས་ཐད་སྤྱི་ཚོགས་ཀྱི་མཉམ་ཞུགས་ནུས་ལྡན་ཡོང་ཐབས།
༥)  ལེའུ་ལྔ་པ། གཞི་རིམ་བར་མའི་རིག་ཚན་སོ་སོའི་བསླབ་གཞིའི་ནང་དོན།(དང་པོ)
༥)  ལེའུ་ལྔ་པ། གཞི་རིམ་བར་མའི་བསླབ་གཞིའི་རིག་ཚན། (གཉིས་པ)
༦)  ལེའུ་དྲུག་པ། རྟོག་ཞིབ་དང་གདེང་འཇོག
༧)  ལེའུ་བདུན་པ། མཇུག་སྡོམ།