སློབ་གསོའི་མཚན་ཉིད་དང་ངོས་འཛིན་སྐོར་གླེང་བ།
སློབ་གསོ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་དུ་མེད་དུ་མི་རུང་བའི་བྱང་སེམས་དང་ཤེས་རིག་འཕེལ་བའི་ཐབས་ལམ་ཉག་གཅིག་དང་འཇིག་རྟེན་ལ་ཕན་ཡོན་དང་བདེ་སྐྱིད་སྐྲུན་པའི་རྩ་བའི་ཆ་རྐྱེན་དུ་ངེས་ཕྱིར།མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་གི་དངོས་པོའི་འཕེལ་རྒྱས།བསམ་བློའི་ཆུ་ཚད་སློབ་གསོར་ཁ་བྲལ་མི་རུང་ཞིང་།མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་སོགས་ཀྱང་སློབ་གསོ་དང་བྲལ་མི་རུང་བ་ཉ་ལ་ཆུ་ཡི... རྒྱས་པར་གཟིགས
སློབ་ཆུང་སྐབས་སུ་སྐར་གྲངས་ལས་དཔེ་ཀློག་གལ་ཆེ།
སྤེལ་དུས། ༢༠༡༤-༡༡-༠༩ ཡོང་ཁུངས། བོད་ལྗོངས་དྲ་བ། རྩོམ་པ་པོ། སྒྲོལ་མ།
སྤྱིར་ན། ལོ ༠ ནས ༦ བར་ནི་བྱིས་པའི་གོམས་གཤིས་ལེགས་པོ(བསམ་པ་དང་བྱ་བའི་ཀུན་སྤྱོད)ཆགས་པའི་གནད་འགག་གི་དུས་སྐབས་ཤིག་དང་། ཕྱོགས་གང་ཐད་ཀྱི་ནུས་པ་འཕེལ་རྒྱས་འབྱུང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན་ལ། འདིའི་སྐབས་སློབ་སྦྱོང་གི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་ནི་ཆེས་གལ་... རྒྱས་པར་གཟིགས
སྒྲུང་ཤོད་དགོས་པའི་གལ་གནད།
དམའ་རིམ་འཛིན་གྲྭ་དང་པོ་གཉིས་ཀྱི་ཆེད་དུ་སྒྲུང་ཤོད་རྒྱུའི་ཟུར་བཅད་ཚོགས་ཐེངས་མེད་པ་ནི་ཧ་ཅང་འགྱོད་པ་སྐྱེ་དགོས་པའི་གནས་ཤིག་ཡིན། གལ་ཏེ་འདི་ལྟ་བུའི་བཀོད་སྒྲིག་ཡོད་ན་བྱིས་པ་རྣམས་སློབ་གྲྭར་གནས་མི་ཐུབ་པའི་དཀའ་ངལ་གང་ཙམ་ཞིག་སེལ་ཐུབ་ངེས་ཡིན། མི་མང་པོས་ངའི་དཀའ་ངལ་འདི་གལ་གནད་ཆེ་བའི་རང་བཞིན་ལ་སྣང་ཆུང་བྱེད་ཀྱི་འདུག་ཟེར་སྲིད། བསམ་ཚུལ་འདི་ཐོས་པའི་དཔོན་ར... རྒྱས་པར་གཟིགས
བྱིས་པ་དང་སྐད་ཡིག
གལ་ཏེ་རང་རེའི་སྤྱི་ཚོགས་ནང་ཀློག་ཐབས་ཀྱི་འགོག་རྐྱེན་ཞིག་ཡོད་ན་དེའི་རྒྱུ་མཚན་གང་ཡིན་ནམ། དཀའ་རྙོག་འདིའི་རྩ་བ་ཐུག་ས་ཤེས་པའི་ཆེད་དུ་ང་ཚོས་བྱིས་པའི་ནུས་རྩལ་དང་། དགེ་རྒན་གྱི་བྱེད་སྒོ། ཀློག་ཐབས་སློབ་པའི་ད་ལྟའི་ལམ་ལུགས་བཅས་གནད་དོན་འདི་གསུམ་ཀར་བསྐྱར་ཞིབ་དང་དཔྱད་ཞིབ་བྱེད་དགོས། སྐབས་འདིར་ང་ཚོས་བྱིས་པ་ཚོའི་སྐད་ཡིག་སྦྱོང་བའི་ནུས་པ་དང་། རྒྱུད་རིམ་ལ་... རྒྱས་པར་གཟིགས
བོད་ཡིག་སློབ་ཁྲིད་ཀྱི་གནས་སྟངས་སྐོར་གླེང་བ།
འདོན་སྤེལ། ༢༠༡༣ / ༡༡ / ༡༡སྐལ་བཟང་དབང་འདུས།(ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཟུར་པ)༄༅། ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་མ་ཚོའི་བོད་ཡིག་གི་གནས་ཚད་ཞན་པོ་ཡོད་པའི་སྐོར་ལ་ད་བར་ང་ཚོས་ཆབ་སྲིད་ཀྱི་ཅ་ཅོ་མང་པོ་བསྒྲགས་ཡོད། འོན་ཀྱང་དེས་དོན་སྙིང་ལྡན་པའི་ཕན་འབྲས་གང་ཡང་བསྐྱེད་མེད་པ་གསལ་པོ་ཡིན། ང་ཚོས་གནས་སྟངས་དེའི་ངན་ཁག་ཡོད་ཚད་སློབ་ཕྲུག་ཚོར་དཀྲིས་ཏེ། ... རྒྱས་པར་གཟིགས
གཞི་རིམ་སློབ་གསོ་ཡང་འཛམ་གླིང་ལ་ཁ་ཕྱོགས་དགོས།
འདོན་སྤེལ། ༢༠༡༡ / ༠༩ / ༢༠ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། གཅན་རོང་བསྟན་འཛིན།གཞི་རིམ་སློབ་གསོ་འབྱུང་འགྱུར་དང་དེང་རབས་ཅན་ལ་ཁ་ཕྱོགས་དགོས་པར་མ་ཟད། ད་དུང་འཛམ་གླིང་ལ་ཁ་ཕྱོགས་ཏེ་སློབ་གྲོགས་རྣམས་ལ་རྒྱལ་སྤྱིའི་འཇོན་ཐང་མི་སྣའི་རྨང་གཞིའི་སྤུས་ཚད་ཆགས་པར་གཙིགས་ཆེན་དང་ཤུགས་སྣོན་བྱེད་རྒྱུ་ནི་དུས་རབས་འཕེལ་རྒྱས་ཀྱི་རེ་སྙེག་གལ་ཆེ་བ་ཞིག་རེད།གཅིག རྒྱ... རྒྱས་པར་གཟིགས
འཛིན་གྲྭའི་དགེ་རྒན་གྱིས་སློབ་མར་རྒྱུས་ལོན་པའི་ཐབས་ལམ་སྐོར་རགས་ཙམ་གླེང་བ།
འདོན་སྤེལ། ༢༠༡༡ / ༠༩ / ༢༠ཡོང་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》 རྩོམ་པ་པོ། ལྷ་རྒྱལ་ཚེ་རིང་། འབྲུག་མོས་ཞུས།འཛིན་གྲྭའི་དགེ་རྒན་གྱིས་སློབ་མར་རྒྱུས་ལོན་གསལ་བོ་བྱེད་པ་ནི། འཛིན་གྲྭའི་དགེ་རྒན་གྱི་བྱ་བ་ནུས་ལྡན་དུ་སྒྲུབ་པའི་སྔོན་འགྲོ་དང་རྨང་གཞི་ལྟ་བུ་ཡིན། རྒྱུས་ལོན་གསལ་བོ་བྱེད་པའི་དམིགས་ཡུལ་ནི་སློབ་མར་སློབ་གསོ་གཏོང་བ་དང་། རྒྱུས་... རྒྱས་པར་གཟིགས
དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ།
འདོན་སྤེལ། ༢༠༡༡ / ༡༢ / ༢༨རྩོམ་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། རྩོམ་པ་པོ། ཚེ་འབར།མཚོ་སྔོན་སློབ་གཞི་རྩོམ་སྒྱུར་ལྟེ་གནས་ཀྱི་དགེ་རྒན་ཚེ་འབར་ལགས་ཀྱིས་ཡ་རྫི་རྫོང་ནས་དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་ནས་འཆད་ཁྲིད་གནང་བ་སྒྲ་ཕབ་པ་དེ་པད་མ་བཀྲ་ཤིས་ཀྱིས་ཇི་མ་ཇི་བཞིན་དུ་ཡིག་ངོར་བཤུས་པ་ཡིན། དགེ་རྒན་རྣམ་པ། བདེ་མོ། དེ་... རྒྱས་པར་གཟིགས
ཀློག་རྒྱུའི་དུས་ཚོད།
དྲི་བ། དེ་རིང་སྐུ་ཉིད་ལ་བྱེ་བྲག་ཏུ་ཀློག་རྒྱུའི་གནས་སྟངས་སྐོར་བཀའ་མོལ་ཞུ་རྒྱུ་ཡིན། ------འཛིན་གྲྭ་བཞི་པ་ལྔ་པའི་སློབ་ཕྲུག་ཚོས་ཀློག་མི་ཤེས་པའམ། ཡང་ན་གང་ཀློག་ཤེས་པའི་གོ་དོན་རྟོགས་མི་ཐུབ་པ་དེའི་རྒྱུ་རྐྱེན་ག་རེ་ཡིན་སྲིད།ལན། གནད་དོན་འདིའི་ཐོག་ང་ཚོའི་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་དགོས་ངེས་ཀྱི་དོ་སྣང་སྤྲོད་མེད་པ་གསལ་པོ་རེད། ཀློག་རྒྱུ་དེ་བྱིས་པའི་ཡར... རྒྱས་པར་གཟིགས
ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང།
བར་ཁཱ་དང་འབྲེལ་བའི་དྲི་བ་དྲི་ལན།Dr. Latika Gupta : ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང་ཞེས་པ་གང་ཡིན་ནམ། དེ་བྱིས་པ་གནས་ཚད་ཇི་འདྲ་ཞིག་གི་ཆེད་དུ་ཡིན་ནམ། འདི་ཀློག་རྩལ་སློབ་པར་ཕན་ཐོགས་ཡོད་ཚུལ་ཇི་འདྲ་ཡིན་ནམ།Prof. Krishna Kumar : ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང་བཟོ་རྒྱུའི་འབད་བརྩོན་དེ་བསམ་བློའི་གཞི་རྩ་ཀློག་རྩལ་སློབ་རྒྱུ་དེ་བྱིས་པ་རང་ཉིད་ཀྱི་འབད་... རྒྱས་པར་གཟིགས
ཐོག་མའི་ཤེས་ཡོན་དང་ཀློག་རྩལ། (ཧིནྡཱིའི་མ་དཔེ་ལྟར།)
རྒྱ་གར་ལ་ད་དུང་ཡིག་རྨོངས་ཀྱི་གྲངས་འབོར་ག་ཚོད་ཡོད་པ་དང་། སྟོང་ལོ་གསར་པ་འགོ་བཙུགས་པ་ནས་བཟུང་འཛམ་གླིང་གི་ཡིག་རྨོངས་ཀྱི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ནས་རྒྱ་གར་ནས་ག་ཚོད་ཟིན་གྱི་ཡོད་དམ། དྲི་བ་ཁྱད་མཚར་པོ་འདི་དག་གི་ལན་ཕལ་ཆེ་བ་ནི། ཚོགས་འདུའི་སྐབས་ཀྱི་གཏམ་བཤད་ནང་དུ་གྲངས་ཐོ་སྤྲད་པ་རྣམས་གཙོ་བོ་ཆགས་ཡོད། གསལ་... རྒྱས་པར་གཟིགས
དཔེ་ཀློག་ཅེས་པའི་དོན་གང་ཡིན་ནམ།
བཅུ་ཕྲག་སྔོན་མའི་ནང་ལ་དཔེ་ཀློག་བརྒྱུད་རིམ་གྱི་གོ་རྟོགས་ཐད་ལ་དངོས་ཡོད་ཀྱི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཅིང་། དཔེ་ཀློག་མཁས་དབང་ཕལ་ཆེ་བས་ད་ཆ་དཔེ་ཀློག་གི་རང་བཞིན་ཐོག་ལ་མོས་མཐུན་བྱེད་ཀྱི་ཡོད་དེ། དཔེ་ཀློག་ནི། ཡིག་ཐོག་ཏུ་གསལ་བའི་ཡིག་གཞིའི་ཁྲོད་ནས་གོ་དོན་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ཞིག་དང་། དེ་ནི་ནང་ཁུལ་འབྲེལ་བ་ཡོད་པའི་གནས་ཚུལ་གྱི་འབྱུང་ཁུང... རྒྱས་པར་གཟིགས
ཨ་རིའི་ཕུལ་བྱུང་དགེ་རྒན་གྱིས་འདི་ལྟར་སློབ་ཁྲིད་བྱེད་ངེས།
སྤེལ་དུས།༢༠༡༤ -༡༠ -༢༧ཡོང་ཁུངས།ཧྲང་ཧེའི་སློབ་གསོ། རྩོམ་པ་པོ། བསོད་རྡོར།
ཧྲང་ཧེ་སློབ་གསོ་སྤྱི་གཉེར་ཚགས་པར་སྟེང་སློབ་གསོའི་དུས་དེབ་གཙོ་གཉེར་གྱིས་ཨ་རིའི་ལོ་མཇུག་སྤྱི་སྡོམ་ཕུལ་བྱུང་དགེ་རྒན་ཀྲུང་གོ་རུ་བསྐྱོད་པ་ཅེས་པའི་ལས་འགུལ་ཟླ་༩བའི་ཚེས་༢༣ཉིན་ཧྲང་ཧེ་རུ་འདུ་ཚོགས་གནང་བ་རེད།
ཨ་རིའི་དགེ་རྒན་བཞིས་གང་ཞིག་གསུངས་པ་ཡིན་ནམ... རྒྱས་པར་གཟིགས
སློབ་གྲྭ་རུ་བྲིས་ཀློག་ཡར་རྒྱས་གཏོང་ཚུལ།
རྒྱ་གར་ཁྱོན་ཡོངས་ཀྱི་བྲིས་ཀློག་གི་ཚད་གཞི་གོང་འཕེལ་གཏོང་རྒྱུ་ནི་རྒྱ་གར་རང་བཙན་མ་ཐོབ་གོང་ནས་རེ་སྨོན་བྱ་སའི་དམིགས་འབེན་གཅིག་ཡིན། དེ་ལྟར་ནའང་དམིགས་འབེན་དང་དོན་དངོས་གཉིས་ལ་དབར་ཐག་ཆེན་པོ་ཤོར་ཡོད། བྲིས་ཀློག་གོང་འཕེལ་ཕྱིན་པའི་བརྒྱ་ཆའི་གྲངས་ཚད་འཕར་ཡོད་ནའང་། སྤྱི་ཚོགས་ནང་ཡིག་རྨོངས་སེལ་བའི་མང་ཚོགས་ཀྱི་གྲངས་འབོར་ཉུང་དུ་ཕ... རྒྱས་པར་གཟིགས
དཔེ་དེབ་ཀློག་རྒྱུའི་གོམས་གཤིས།
སློབ་གྲྭ་ཚང་མའི་ནང་དཔེ་མཛོད་ཁང་རེ་ཡོད་ཚེ་མཐུན་རྐྱེན་བཟང་པོ་ཞིག་ཏུ་བརྩི་འོས། འོན་ཀྱང་སློབ་གྲྭའི་ནང་དཔེ་མཛོད་ཁང་ཡོད་པ་བཞིན་སློབ་ཕྲུག་ཚང་མས་དེབ་གང་མང་ཀློག་གི་ཡོད་པའི་ཁྱབ་པ་མེད། དཔེ་མཛོད་ཁང་ནི་དཔལ་འབྱོར་དང་འབྲེལ་བའི་གནས་སྟངས་ཤིག་དང༌། སློབ་ཕྲུག་ཚོར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་རྒྱུ་ནི་ཤེས་ཡོན་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྟོབས... རྒྱས་པར་གཟིགས
བུ་ཨ་ཤོཀ་གི་སྒྲུང༌།
བུ་ཨ་ཤོཀ་གི་ནང་མི་སུ་གཅིག་སློབ་གྲྭར་འགྲོ་མྱོང་མེད་པ་དང༌། ཁོང་གི་པཱ་ལགས་ཡིག་རྨོངས་ཅན་ཡིན་པར་བརྟེན་ས་ཆ་ཆུང་ཆུང་ཞིག་ཐོག་ཞིང་ལས་བྱེད་ཀྱི་ཡོད་འདུག འོན་ཀྱང་བུ་ཨ་ཤོཀ་སློབ་སྦྱོང་ལ་དོ་སྣང་ཡོད་པ་ཞིག་ཡིན་པས། ཁོ་པས་ཕ་མར་ཤེས་ཡོན་སློབ་སྦྱོང་བྱེད་འདོད་ཡོད་ལུགས་ཡང་ཡང་ཨུ་ཚུགས་བྱས་སྟབས། མཐའ་མ་དེར་པཱ་ལགས་ཀྱིས་བུའི་རེ་འདུན་ལྟར་གྲོང་གསེབ་ཀྱི་གཞི་རིམ་སློབ་གྲྭའི་ནང་... རྒྱས་པར་གཟིགས
ཕྱི་རྒྱལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་སློབ་གྲྭར་ཞུགས་ཚུལ།
ལྗར་པན།ལྗར་པན་དུ་སློབ་ཆུང་སློབ་མ་རྣམས་སྤྱིར་བཏང་དུ་སྔ་དྲོའི་དུས ༨ དང་སྐར་མ ༣༠ ཡས་མས་སུ་སློབ་གྲྭར་ཐོན་དགོས་པ་དང་། ཉིན་རེར་སློབ་ཐུན་དྲུག་ཙམ་ལས་བཀོད་སྒྲིག་བྱས་མེད་པ་རེད། ཕྱི་དྲོའི་དུས་ཚོད ༣ དང་སྐར་མ ༤༥ ཡས་མས་སུ་སློབ་གྲྭ་གྲོལ་བ་ཡིན།ཨུ་རུ་སུ།ཨུ་རུ་སུའི་སློབ་མ་ཆུང་བ་རྣམས་སྔ་དྲོའི་དུས་ཚོད ༨ དང་སྐར་མ ༣༠ སྟེང་སློབ་ཁྲིད་བྱེད་པ་དང་། ཕྱི་དྲོའི་དུས་ཚོད ༢ སྟེང་སློབ་གྲྭ་གྲོལ་ཏེ་ཕྱིར་རང་... རྒྱས་པར་གཟིགས
བར་ཁཱ། (Barkhaa)
འཛིན་རིམ་དང་པོ་གཉིས་པའི་སློབ་ཕྲུག་ཚོའི་ཐེམ་པ་རིམ་འཛེགས་ཀྱི་དཔེ་ཀློག་དེབ་ཕྲེང་།
ཕྲུ་གུ་ཚོས་མིང་ཚིག་མང་པོ་ཞིག་གི་གོ་དོན་འཛིན་རིམ་དང་པོའི་ནང་འཛུལ་ཞུགས་མ་བྱས་གོང་ནས་ཤེས་ཀྱི་ཡོད། དེ་བཞིན་ཁོང་ཚོས་དངོས་པོ་གང་ཞིག་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་ངོས་འཛིན་ཐུབ་པར་... རྒྱས་པར་གཟིགས