བོད་ཡིག་སློབ་གསོ་དྲ་བ།

བོད་ཡིག་སློབ་གསོ་དྲ་བ།
རྩོམ་བྱུང་ལོ་རྒྱུས་ཀྱི་བསླབ་ཚན་ངོ་སྤྲོད། བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ཞེས་པའི་བསླབ་ཚན་འདི་ནི་ བོད་ཀྱི་རྩོམ་རིག་ཆེད་གཉེར་གྱི་དངོས་གཞི་སློབ་མའི་སྦྱང་གཞི་གཙོ་གྲས་ ཡིན་ལ། དེ་ཡང་བོད་ཀྱི་དུས་སྐབས་སོ་སོའི་རྩོམ་པ་པོ་དང་བརྩམས་ཆོས་ གྲགས་ཆེན་ངོ་སྤྲོད་དང་དབྱེ་ཞིབ་དཔྱད་བརྗོད་བྱས་པ་བརྒྱུད་ནས། བརྩམས་ཆོས་དག་གི་བསམ་བློ་དང་སྒྱུ་རྩལ་རིན་ཐང་ལ་གདེང་འཇོག་ བྱས་ཤིང་། རྩོམ་རིག་ལོ་རྒྱུས་སྟེང་གི་ཤུགས་རྐྱེན་དང་གོ་གནས་གཏན་ འབེབས་བྱེདཔར་མ་ཟད།སློབ་མ་རྣམས་ལ་བོད་ཀྱི་རྩོམ་རིག་བྱུང་འཕེལ་ གྱི་གོ་རིམ་ངེས་པར་བྱེད་པ་དང་བརྩམས་ཆོས་མྱོང་རོལ་གྱི་རྩལ་དང་ བརྩམས་ཆོས་དབྱེ་ཞིབ་གྱི་ནུས་པ་བྱང་ཆུབ་པར་བྱེད་པ་དེའོ།།
Click for Tibetan Education Website