• vtem news box

བྱིས་པ་དང་སྐད་ཡིག

hindi translation final-1-coverགལ་ཏེ་རང་རེའི་སྤྱི་ཚོགས་ནང་ཀློག་ཐབས་ཀྱི་འགོག་རྐྱེན་ཞིག་ཡོད་ན་དེའི་རྒྱུ་མཚན་གང་ཡིན་ནམ། དཀའ་རྙོག་འདིའི་རྩ་བ་ཐུག་ས་ཤེས་པའི་ཆེད་དུ་ང་ཚོས་བྱིས་པའི་ནུས་རྩལ་དང་། དགེ་རྒན་གྱི་བྱེད་སྒོ། ཀློག་ཐབས་སློབ་པའི་ད་ལྟའི་ལམ་ལུགས་བཅས་གནད་དོན་འདི་གསུམ་ཀར་བསྐྱར་ཞིབ་དང་དཔྱད་ཞིབ་བྱེད་དགོས། སྐབས་འདིར་ང་ཚོས་བྱིས་པ་ཚོའི་སྐད་ཡིག་སྦྱོང་བའི་ནུས་པ་དང་། རྒྱུད་རིམ་ལ་བསམ་གཞིག་བྱེད་དགོས།
ལོ་བཞི་ཙམ་སོན་པའི་བྱིས་པ་ཞིག་སློབ་གྲྭར་ཐོག་མར་ཡོང་སྐབས་ཉུང་མཐར་སྐད་ཡིག་གཅིག་དང་ལྷན་དུ་ཡོང་གི་ཡོད། བྱིས་པ་དེས་སྐད་ཡིག་དེ་གང་ལེགས་གོ་ཐུབ་པ་མ་ཟད་སྨྲ་བརྗོད་ཀྱང་ཐུབ་ཀྱི་ཡོད།

རང་གི་དགོས་མཁོ་དང་དམིགས་ཡུལ་སྣ་ཚོགས་ཆེད་སྐད་ཡིག་བེད་སྤྱོད་གང་ལེགས་བྱེད་ཀྱི་ཡོད། ང་ཚོས་བྱིས་པའི་སྐད་ཡིག་ལ་ཞིབ་ཚགས་པོར་དོ་སྣང་བྱས་པ་ཡིན་ན་ཁོང་ཚོའི་བརྗོད་པ་བཀོད་སྒྲིག་བྱེད་སྟངས་དེར་གཞི་རྩའི་འགྲོ་སྟངས་མགོ་རྙོག་པོ་ཞིག་ཡོད་པ་མཐོང་ཐུབ།
འདི་ནས་ཕབ་ལེན་གནང་རོགས།