• vtem news box

ཀློག་རྒྱུའི་དུས་ཚོད།

time-for-study-coverདྲི་བ། དེ་རིང་སྐུ་ཉིད་ལ་བྱེ་བྲག་ཏུ་ཀློག་རྒྱུའི་གནས་སྟངས་སྐོར་བཀའ་མོལ་ཞུ་རྒྱུ་ཡིན། ------
འཛིན་གྲྭ་བཞི་པ་ལྔ་པའི་སློབ་ཕྲུག་ཚོས་ཀློག་མི་ཤེས་པའམ། ཡང་ན་གང་ཀློག་ཤེས་པའི་གོ་དོན་རྟོགས་མི་ཐུབ་པ་དེའི་རྒྱུ་རྐྱེན་ག་རེ་ཡིན་སྲིད།
ལན། གནད་དོན་འདིའི་ཐོག་ང་ཚོའི་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་ཀྱིས་དགོས་ངེས་ཀྱི་དོ་སྣང་སྤྲོད་མེད་པ་གསལ་པོ་རེད། ཀློག་རྒྱུ་དེ་བྱིས་པའི་ཡར་རྒྱས་འགྲོ་བའི་གཞི་རྩའི་རྩལ་དང་བརྒྱུད་ལམ་ཞིག་ཡིན།

བྱིས་པའི་གནས་སྐབས་དེ་དེང་རབས་ཀྱི་སྤྱི་ཚོགས་དང་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་ཞེས་བརྗོད་ཆོག གལ་ཏེ་ང་ཚོ་གཞུང་ངམ་སྒེར་གྱི་སློབ་གྲྭ་དཀྱུས་མ་ཞིག་གི་ནང་སོང་བ་ཡིན་ན། ཁྱེད་རང་གིས་གསུངས་པའི་གནས་ཚུལ་དེ་མཐིལ་ཐུག་ས་ཤེས་ཆེད་ངས་ཁྱེད་ལ་ཞུ་རྒྱུ་ཞིག་ཡོད། གལ་ཏེ་སློབ་གྲྭ་གང་ཡང་རུང་བ་ཞིག་ཏུ་སོང་སྟེ་དུས་ཚོད་རེའུ་མིག་ལ་བལྟས་ན་དེར་ཧིནྡཱིའམ་ཨིན་ཇིའི་ཚོགས་ཐེངས་ཡོད་པ་ཙམ་མ་ཟད་ཨང་རྩིས་ཀྱི་ཚོགས་ཐེངས་ཀྱང་ཡོད་ངེས། འོན་ཀྱང་ཀློག་པའི་ཚོགས་ཐེངས་ལོགས་སུ་མེད་པ་གཟིགས་ཐུབ།
འདི་ནས་ཕབ་ལེན་གནང་རོགས།