• vtem news box

ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང།

hindi translation-1-coverབར་ཁཱ་དང་འབྲེལ་བའི་དྲི་བ་དྲི་ལན།
Dr. Latika Gupta : ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང་ཞེས་པ་གང་ཡིན་ནམ། དེ་བྱིས་པ་གནས་ཚད་ཇི་འདྲ་ཞིག་གི་ཆེད་དུ་ཡིན་ནམ། འདི་ཀློག་རྩལ་སློབ་པར་ཕན་ཐོགས་ཡོད་ཚུལ་ཇི་འདྲ་ཡིན་ནམ།
Prof. Krishna Kumar : ཐེམ་པ་རིམ་འཛེགས་ཀྱི་དེབ་ཕྲེང་བཟོ་རྒྱུའི་འབད་བརྩོན་དེ་བསམ་བློའི་གཞི་རྩ་ཀློག་རྩལ་སློབ་རྒྱུ་དེ་བྱིས་པ་རང་ཉིད་ཀྱི་འབད་བརྩོན་ཡིན་པ་ངོས་འཛིན་རྒྱུ་དེ་རེད། སྤྱིར་བཏང་ང་ཚོའི་བསམ་པར་ཀློག་སློབ་པ་ཟེར་དུས་ཀ་ཁ་ནས་འགོ་བརྩམས་པའི་ཡི་གེ་དང་། དེ་དག་གི་སྒྲ་གདངས། དེ་ནས་ཚིག་དང་བརྗོད་པ་བར་སློབ་པའི་རིམ་པ་དེར་ངོས་འཛིན་བྱེད་ཀྱི་ཡོད།

རྒྱ་ཆེ་ས་ནས་བཤད་ན་ཉེ་ལམ་ལོ་སུམ་ཅུ་བཞི་བཅུའི་ནང་གི་ཚན་རིག་ཉམས་ཞིབ་གསར་པ་རྣམས་གལ་ཆེ་ཤོས་ཡིན། ཚན་རིག་ཉམས་ཞིབ་དེ་དག་ལ་བརྟེན་ནས་ད་ཆ་ང་ཚོས་བྱིས་པ་ཞིག་ལ་ངག་སྨྲ་བ་སྦྱོང་བ་དང་མཚུངས་པར་ཀློག་རྩལ་སྦྱོང་རྒྱུ་ལྷན་སྐྱེས་ཀྱི་ནུས་པ་དེ་ཙམ་ཡོད་པ་བརྗོད་ཐུབ།
འདི་ནས་ཕབ་ལེན་གནང་རོགས།