• vtem news box

དཔེ་དེབ་ཀློག་རྒྱུའི་གོམས་གཤིས།

habit-of-reading-books-coverསློབ་གྲྭ་ཚང་མའི་ནང་དཔེ་མཛོད་ཁང་རེ་ཡོད་ཚེ་མཐུན་རྐྱེན་བཟང་པོ་ཞིག་ཏུ་བརྩི་འོས། འོན་ཀྱང་སློབ་གྲྭའི་ནང་དཔེ་མཛོད་ཁང་ཡོད་པ་བཞིན་སློབ་ཕྲུག་ཚང་མས་དེབ་གང་མང་ཀློག་གི་ཡོད་པའི་ཁྱབ་པ་མེད། དཔེ་མཛོད་ཁང་ནི་དཔལ་འབྱོར་དང་འབྲེལ་བའི་གནས་སྟངས་ཤིག་དང༌། སློབ་ཕྲུག་ཚོར་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་འཇགས་རྒྱུ་ནི་ཤེས་ཡོན་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྟོབས་ཆེན་རྒྱལ་ཁབ་ཁག་གི་ནང་སྤྱི་པའི་དཔེ་མཛོད་ཁང་དང༌། སློབ་གྲྭའི་དཔེ་མཛོད་ཁང་བཅས་མི་ཉུང་བ་ཞིག་ཡོད། འོན་ཀྱང་དེ་དག་བེད་སྤྱོད་ཡང་དག་པ་ཞིག་ཡོང་ཐུབ་ཀྱི་མེད། སློབ་ཕྲུག་གང་ཞིག་ལ་ཐོག་མ་ཉིད་ནས་དཔེ་དེབ་ཀློག་རྒྱུའི་གོམས་གཤིས་ཡོད་པ་དེ་ཡང་ཕ་མ་ལས་བྱེད་ཡིན་པའི་ཁྱིམ་ཚང་གི་ཁོར་ཡུག་ལ་རག་ལུས་ཀྱི་ཡོད། ཕ་མ་ཚོས་ཕྲུ་གུར་རྩོམ་རིག་གི་དཔེ་དེབ་ལ་སོགས་པའི་མཐུན་རྐྱེན་སྦྱོར་རྒྱུ་གལ་ཆེ་བརྩི་ཡི་ཡོད།

ཕྲུ་གུ་ཚོར་རྩོམ་རིག་ལ་སོགས་པའི་དཔེ་དེབ་ཉོ་རྒྱུར་དགོས་དངུལ་འཆར་འགོད་བྱེད་པའི་ཐོག་ནས་ཉོ་དགོས་པ་ལས། འཆར་གཞི་མེད་པར་རང་མཚམས་ཉོ་རྒྱུ་ཁག་པོ་ཆགས་ཡོད། ངལ་རྩོལ་རྒྱུག་མཁན་གྱི་ཕ་མ་ཚོས་སོ་སོའི་ཕྲུ་གུར་་དེ་ལྟ་བུའི་མཐུན་རྐྱེན་མཁོ་སྒྲུབ་ཐུབ་ཀྱི་མེད་པར་མ་ཟད། དེབ་སོགས་ཉོ་རྒྱུར་དུས་ཚོད་ཀྱང་འཐོབ་ཀྱི་མེད།
འདི་ནས་ཕབ་ལེན་གནང་རིགས།