• vtem news box

ཐོག་མའི་ཤེས་ཡོན་དང་ཀློག་རྩལ། (ཧིནྡཱིའི་མ་དཔེ་ལྟར།)

reading-in-the-primary-school-curriculum-coverརྒྱ་གར་ལ་ད་དུང་ཡིག་རྨོངས་ཀྱི་གྲངས་འབོར་ག་ཚོད་ཡོད་པ་དང་། སྟོང་ལོ་གསར་པ་འགོ་བཙུགས་པ་ནས་བཟུང་འཛམ་གླིང་གི་ཡིག་རྨོངས་ཀྱི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ནས་རྒྱ་གར་ནས་ག་ཚོད་ཟིན་གྱི་ཡོད་དམ། དྲི་བ་ཁྱད་མཚར་པོ་འདི་དག་གི་ལན་ཕལ་ཆེ་བ་ནི། ཚོགས་འདུའི་སྐབས་ཀྱི་གཏམ་བཤད་ནང་དུ་གྲངས་ཐོ་སྤྲད་པ་རྣམས་གཙོ་བོ་ཆགས་ཡོད། གསལ་པོ་བཤད་ན། ང་ཚོས་མང་ཚོགས་ཀྱི་ཡིག་རྨོངས་སེལ་བའི་(mass literacy)ཆེད་དུ་བརྩམས་པའི་ལས་དོན་དེ་ཉིད་ཡིད་ཕམ་དགོས་པའི་ང་ཚོའི་ཤེས་ཡོན་སྲིད་བྱུས་འདིའི་སེམས་ཁུར་བྱེད་ས་གཙོ་བོ་ཞིག་ཆགས་ཡོད། ཤེས་ཡོན་སྲིད་བྱུས་དེ་ཉིད་རྒྱ་སྐྱེད་བཏང་བས་ཡིག་རྨོངས་སེལ་བའི་ཐད་ལ་དམིགས་བསལ་ཤུགས་རྐྱེན་གང་ཡང་ཐེབས་མེད།

དེ་ཡང་དམའ་རིམ་ཤེས་ཡོན་རྒྱ་སྐྱེད་བཏང་བ་དང་ལྷན་དུ་གྲངས་ཐོར་འཁོད་པ་བཞིན། རང་བཙན་རག་པའི་རྗེས་ཀྱི་བཅུ་ཕྲག་བཞིའི་ནང་ལ་ལྡབ་འགྱུར་ ༣༌༣ བྱུང་ཡོད། འོན་ཀྱང་མི་འབོར་ཁྱོན་བསྡོམས་ཀྱི་ནང་ནས་ཡིག་རྨོངས་སེལ་ཚད་ཀྱི་བརྒྱ་ཆ་ལྡབ་གཉིས་ཙམ༌རེད། དེ་ལའང་མི་འབོར་ཞིབ་བཤེར་ཁག་ཏུ་འབྲི་ཀློག་དང་འབྲེལ་བའི་སྒྱུ་རྩལ་གྱི་ཚད་གཞི་ཁག་མཉམ་བསྲེས་བྱས་པའི་ཞན་ཆ་ཡོད། གང་ལྟར་དམའ་རིམ་ཤེས་ཡོན་སྐྱོ་པོ་དེ་འདྲ་ག་རེ་བྱས་ནས་ཆགས་པ་རེད་དམ
འདི་ནས་ཕབ་ལེན་གནང་རོགས།