• vtem news box

ཨ་རིའི་ཕུལ་བྱུང་དགེ་རྒན་གྱིས་འདི་ལྟར་སློབ་ཁྲིད་བྱེད་ངེས།

སྤེལ་དུས།༢༠༡༤ -༡༠ -༢༧ཡོང་ཁུངས།ཧྲང་ཧེའི་སློབ་གསོ།  རྩོམ་པ་པོ། བསོད་རྡོར།

ཧྲང་ཧེ་སློབ་གསོ་སྤྱི་གཉེར་ཚགས་པར་སྟེང་སློབ་གསོའི་དུས་དེབ་གཙོ་གཉེར་གྱིས་ཨ་རིའི་ལོ་མཇུག་སྤྱི་སྡོམ་ཕུལ་བྱུང་
དགེ་རྒན་ཀྲུང་གོ་རུ་བསྐྱོད་པ་ཅེས་པའི་ལས་འགུལ་ཟླ་༩བའི་ཚེས་༢༣ཉིན་ཧྲང་ཧེ་རུ་འདུ་ཚོགས་གནང་བ་རེད།

ཨ་རིའི་དགེ་རྒན་བཞིས་གང་ཞིག་གསུངས་པ་ཡིན་ནམ། ཚོགས་ཁང་དུ་དགེ་རྒན ༡༤༠༠ ཙམ་འདུས་ཤིང་དགའ་སྤྲོ་ཡི་དགོད་སྒྲས་ཡོངས་སུ་ཁེངས། ཚང་མའི་ལག་ཟུང་གི་ཐལ་མོ་རྡེབ་སྒྲའང་བར་མེད་དུ་གྲགས་པ་བྱུང་། དོན་སྙིང་ཅི་ཞིག་བཤད་པ་ཡིན་ནམ།

 ལི་པེ་ཁ་མེ་ཡོ་ཇི། ཨ་རིའི་༢༠༡༢ལོའི་ལོ་མཇུག་གི་ཕུལ་བྱུང་དགེ་རྒན།
རང་ཉིད་ནས་སློབ་མར་འཛིན་པའི་ཡིད་ཆེས་ནི་ཚད་ཐིགས་མེད་པ་ཞིག་ཡིན།

tib-art4

རང་ཉིད་ལ་ཡིད་ཆེས་པ་ནི་དགེ་རྒན་མང་པོ་ཞིག་གིས་འདི་ནི་ཡ་མཚར་དུ་འཛིན་པའི་གནད་དོན་ཞིག་ཡིན།རང་ཉིད་རྒྱལ་ཡོངས་ཀྱི་ཆེས་ཕུལ་བྱུང་དགེ་རྒན་ལ་ཇི་ལྟར་འདེམས་པ་ཡིན་ནམ།དྲི་ལན་ནི་འདི་ལྟར་ལགས་ཏེ་དོན་དངོས་གནས་ཚུལ་ནི་ཐབས་ཤེས་བྲལ་བར་ཆེས་ལེགས་པའི་དགེ་རྒན་དུ་འདེམས་པ་རེད།འོན་ཏེ་རང་ཉིད་ལ་ལྡན་པའི་རྒྱུ་སྤུས་འདི་ནི་དགེ་རྒན་ཐ་དག་ལའང་ལྡན་ངེས་པ་ཞིག་རེད།

ཐོག་མར་རང་ཉིད་ནས་སློབ་མའི་སློབ་གསོར་སྤྲོ་བ་བརྟས་ཤིང་།རང་ཉིད་ནས་སློབ་མའི་མ་འོངས་བར་ཚད་ཐིགས་མེད་པར་ཡིད་ཆེས་དང་།རང་ཉིད་ནས་རང་གི་ཉི་མ་རེ་རེའི་དོན་རྐྱེན་ལའང་རེ་བས་ཁེངས་ཞིང་སློབ་མའི་མ་འོངས་བར་ཡིད་ཆེས་ཀྱིས་ཁེངས་ཡོད།འདི་ལྟ་བུའི་གཏན་ཚིགས་དང་སྨོན་སེམས་ལྡན་ཡོད།ཡིད་ཆེས་ནི་རང་ཉིད་ཀྱིས་བསྐྱངས་བའི་སློབ་ཕྲུག་གི་ཉི་མ་རེ་རེའང་རྒྱལ་ཁབ་དང་འཛམ་གླིང་གི་འགྱུར་བ་ལ་སྨིན་པ་དེ་ཡིན།ང་ཚོས་ད་ལྟ་སྐྱོང་བཞིན་པའི་སློབ་ཕྲུག་རེ་རེའང་མ་འོངས་བར་རྒྱལ་ཁབ་འདི་དང་འཛམ་གླིང་འདུ་བའི་སྣེ་ཁྲིད་པ་རྐྱང་རྐྱང་ཡིན།དེ་བས་ཉིན་རྒྱུན་ངས་འདི་ལྟར་དྲན་ཞིང་སློབ་ཁང་དུ་ཕྱིན་ཏེ་ཧུར་ཐག་གིས་རང་ཉིད་ཀྱི་སྒྲུབ་འོས་བའི་ལས་ཀ་དེ་བྱས་པ་ཡིན།འདི་ནི་ང་རྒྱལ་ཡོངས་ཀྱི་ལོ་མཇུག་ཕུལ་བྱུང་དགེ་རྒན་དུ་འདེམས་ཐོན་བྱུང་བའི་རྒྱུ་མཚན་ཡང་རེད།

དགེ་རྒན་ཞིག་ཡིན་ན་འཆད་ཁྲིད་ཀྱི་ཤེས་བྱ་མ་ཚད་པའི་སློབ་ཕྲུག་ཇི་ལྟར་ཀུན་སྤྱོད་དང་མི་གཞི་ལེགས་པ་ཞིག་བསྐྱངས་དགོས་པ་དེ་རེད།ང་ཚོ་དགེ་རྒན་ཞིག་གི་འགན་འཁྲི་ནི་སློབ་ཕྲུག་ཇི་ལྟར་ལེགས་ལམ་དུ་འཁྲིད་རྒྱུ་དེ་རེད།རྒྱུ་མཚན་ནི་སློབ་ཕྲུག་འདི་ཚོ་ནི་ང་ཚོའི་མ་འོངས་བ་གསར་གཏོད་དང་མི་རབས་རྗེས་མའི་རྒྱུན་འཛིན་པ་དེ་རེད།

མཐའ་མཇུག་ཚང་མ་ལ་ངའི་རེ་བ་ནི་བསམ་གཞིག་གཏོང་རྒྱུ་ཞིག་སྟེ།དགེ་རྒན་དག་ནས་མུ་མཐུད་དེ་ཡུན་རིང་དུ་སློབ་སྦྱོང་བྱེད་དགོས་ཤིང་།རང་ཉིད་སུ་ཡིན་པ་ནི་ནམ་ཡང་བརྗེད་མི་རུང།འདིར་བཞུགས་ཀྱི་དགེ་རྒན་དག་ཡིད་ཆེས་རུང་མ་ཆེས་ཀྱང་ཁྱེད་ཅག་གིས་སེམས་ལ་འཛིན་དགོས་པ་སྟེ་དགེ་རྒན་ནི་སློབ་ཕྲུག་ལ་མཚོན་ན་ཉི་འོད་ལྟ་བུ་དང་སེམས་ཁོང་གི་དཔའ་བོ་རུ་རློམ་ཡོད།ཁོང་ཅག་གིས་ནམ་ཡང་འདི་ལྟར་སེམས་ཁོང་གི་ཟབ་ས་རུ་ཉར་ཡོད།